[325B]དུ། ཨཱརྱ་སརྦ་ཨན་ཏ་རཱ་ལི་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི་བོད་སྐད་ དུ༑ འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་བྲམ་ཟེའི་གྲོང་ཤིང་ཨ་མྲའི་གནས་ཞེས་བྱ་བ་དེའི་བྱང་ཕྱོགས་ན་ལུས་འཕགས་རི་ལ་དབང་པོའི་བྲག་ཕུག་ན་བཞུགས་སོ། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་འཕོའི་ཆོས་སུ་གྱུར་ཏེ་དེའི་ཚེ་འདུ་བྱེད་ཀྱི་ལྷག་མ་ལུས་པའི་སྔ་ལྟས་ཁོང་དུ་ཆུད་ནས་སྐྲག་པ་སྐྱེས་ཏེ། བཙུན་མོའི་འཁོར་དང། གཡོག་དང་བཅས་པར་བཅོམ་ལྡན་འདས་ ཀྱི་གན་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཡང་དེའི་ཚེ་དོན་དུ་གཉེར་བ་དང། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་ དེའི་ཕྱིར་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང། ཕྱིར་རྒོལ་བ་ཐམས་ཅད་དང། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་བར་དུ་གཅོད་པ་ཐམ་ [326A]༄༅། །ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་པའི་གསང་སྔགས་གཞི་རྣམས་ངས་བཤད་ཀྱིས་ཉོན་ཅིག། ཏདྱཱ་ཐཱ། ཨ་བྷ་ཡི་བྷ་ཡ་བི་ག་ཏེ། བྷ་ཡ་པ་རི་ཤོ་དྷ་ ནེ༑ ཨ་བྷ་ཡ། ཨ་བྷ་ཡཾ་ད་དེ། ནི་དུ་བ་ཀཱི་ཥྚེ། ཨ་ན་ཀུ་ལེ་ཨ་ཀུ་ལ་པ་རི་ཤོདྷ་ནེ། ཨ་བེ་ཀ་ལ་པ་ནེ། ཨ་ཙྱུ་ཏི། ཤུ་བཧེ་ཤུ་བྷ། ཏེ་ཛོ་ཏེ་ཛ་བ་ཏེ། ཤ་ནི་ཨུ་པ་ཤ་མེ། མ་ཧོ་པ་ ཤ་མེ། མེ་དྲི་མེ་ཏྱུད་དཧི་ཏེ་ཤེ། ཏོ་ཤ་ཡ་ཎ་ག་ཏེ། སཏྱད་ར་ཤི། ཨ་བི་རུད་བཧི། ས་ཧ་ཏེ། སི་ཧི་ཏ་ཏྭེ། ཨརྦེ་ཨརྠ་སིདྡྷི་ཨ་མྲྀ་ཏེ། ཨ་མྲྀ་ཏ་བ་ཧེ། ཨ་བཧི་ཏེ། བ་ཐྲ་ས་ཏྱེ་ཨཀྵ་ ཡེ༑ ཨཀྵ་ཡ་པྲ་བཧེ། དྲན་ཧྲ་བ་རེ། ཤུདྡྷེ་ཤུདྡྷེ་པྲ་བཧེ་ཨ་བ་བྷཱ་སེ། ཨ་བ་བྷཱ་ས་བ་ཧི། ཨུ་བ་ཡོ་གེ། ཨཱ་ནུ་ཧ་ཧ་རེ་ས་མ་ཙིཏྟེ། བུདྡྷ་ཨ་དྷིཥྛཱ་ནེ། ཤཱི་ལེ་བི་ཤོ་དྷ་ན། ཨ་སད་ཧཱ་རྱེ། སུ་ནི་གྲི་ཧཱི་ ཏ་མ་མ་ར་བཱ་ལཱ་ནཱ་མ། པ་ར་ཛ་ཡོ་དྲིཥྚི་ག་ཧྲ་ནཱཾ་ཛྭ་ལ་ནཾ་དྷརྨོ་ལ་ཀཱ་ལེ། ཨུད་གྷཊྣཱཾ། དྷརྨྨ་ནི་དྷ་ན་སྱ་སཾ་གྲ་ཧ་ནཱཾ། དྷརྨྨ་གོ་ཤ་སྱ། ཀཽ་ཤི་ཀ་ཁྱོད་ཀྱིས་རིག་པའི་གསང་སྔགས་གཞི་དག་ནི་ཁྱེད་ཀྱི་རིག་ པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང། ཕྱིར་རྒོལ་བ་ཐམས་ཅད་དང། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་ཏུ་ཚར་བཅད་པར་འགྱུར་བ་དག་གོ། འདི་བཟླས་བརྗོད་བྱས་ ན་སྔོན་གྱི་ལས་ཀྱི་རྣམ་བར་སྨིན་པ་མ་གཏོགས་པར་བར་དུ་གཅོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དོན་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་ [326B] ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ་དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། ། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་ཐམས་ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང། བགེགས་དང་ལོག་འདྲེན་ཐམས་ཅད་ནི་མེད་པར་གྱུར་ཅིག་ཕུན་སུམ་ཚོགས་པ་ཐམས་ཅད་ནི་གྲུབ་པར་གྱུར་ ཅིག་ན་མོ་ཨ་ཀེ་ཏུ་ལེ་ན་གེ་ཙཎྜ་ན་ཡེ་སཱཧཱ། སརྦ་ཡ་ཏྭ་སཱ་དྷ་ནི་ཡེ་སཱཧཱ། སརྦ་དད་ཡེ་བི་ཤོ་དྷ་ནི་ཡེ་སཱཧཱ་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཙུན་ མོའི་འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས་ ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང། དཱ་ན་ཤཱི་ལ་དང། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།